༽我县召开新建泽曲通用机场项目场址论证审查会

 我县召开新建泽曲通用机场项目场址论证审查会

རང་རྫོང་གིས་རྩེ་ཆུ་སྤྱི་སྤྱོད་གནམ་གྲུ་འབབ་ཐང་འཛུགས་སྐྲུན་ལས་གཞིའི་གནས་ཡུལ་གྱི་རིགས་སྒྲུབ་བརྟག་ཞིབ་གྲོས་ཚོགས་བསྡུས་པ།    

    3月22日,我县召开新建泽曲通用机场项目现场论证审查会,中国民航西北地区管理局、北京中航建研航空设计咨询有限公司、上海民航新时代机场设计研究院有限公司、天津航大天元航空技术有限公司、青海省通用航空集团有限公司、青海省第一测绘院、深圳市工勘岩土集团有限公司青海分公司、黄南州发展改革委员会等相关部门领导和特邀专家出席会议。与会领导和专家对泽曲通用机场项目场址进行了详细踏勘,查看了场址地形地貌、周边障碍物分布情况,与设计单位讨论了机场选址工作。

    ཟླ3པའི་ཚེས22ཉིན། རང་རྫོང་གིས་རྩེ་ཆུ་སྤྱི་སྤྱོད་གནམ་གྲུ་འབབ་ཐང་འཛུགས་སྐྲུན་ལས་གཞིའི་གནས་ཡུལ་གྱི་རིགས་སྒྲུབ་བརྟག་ཞིབ་གྲོས་ཚོགས་བསྡུས་ཤིང་།  ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུའུ་དང་།   པེ་ཅིན་ཀྲུང་གོ་མཁའ་འགྲུལ་ཇུས་འགོད་ཀུང་ཟི།  ཧྲང་ཧའེ་དམངས་སྤྱོད་མཁའ་འགྲུལ་ཚད་ཡོད་ཀུང་ཟི། ཐེན་ཅིན་ཧང་ཏ་ཐེན་ཡོན་མཁའ་འགྲུལ་ལག་རྩལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞིང་ཆེན་སྤྱི་སྤྱོད་མཁའ་འགྲུལ་ཚོགས་པ་ཚད་ཡོད་ཀུང་ཟི།  མཚོ་སྔོན་ཞིང་ཆེན་ཚད་འཇལ་གླིང་། ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སོགས་ཀྱི་མགོ་ཁྲིད་དང་གདན་ཞུའི་ཆེད་མཁས་པ་དག་ཚོགས་འདུར་ཞུགས།  ཚོགས་ཞུགས་མགོ་ཁྲིད་དང་ཆེད་མཁས་པ་རྣམས་ཀྱིས་རྩེ་ཆུ་སྤྱི་སྤྱོད་གནམ་གྲུ་འབབ་ཐང་ལས་གཞིའི་གནས་ཡུལ་དང་ས་དབྱིབས།  མཐའ་འཁོར་གྱི་བཀག་དངོས་ཁྱབ་ཚུལ་སོགས་ཀྱི་གནས་ཚུལ་ལ་བལྟ་ཞིབ་བྱས་ནས།  ཇུས་འགོད་ལས་ཁུངས་དང་མཉམ་དུ་གནམ་གྲུ་འབབ་ཐང་གི་གནས་ཡུལ་ལ་གྲོས་ཞིབ་བྱས།

    现场会议听取了设计单位关于泽曲通用机场选址报告的介绍和汇报。专家组成员、民航西北地区管理局等有关部门负责人分别就机场选址、气候气象、技术实施、净空保护等方面情况作了发言,并提出意见和建议。县发改、环保、畜牧、国土等部门以及泽曲镇政府分别就机场选址、征地拆迁、配套建设、牧民工作作了表态发言,并提出了意见建议。

    ཡུལ་དངོས་སུ་ཇུས་འགོད་ལས་ཁུངས་ཀྱིས་རྩེ་ཆུ་སྤྱི་སྤྱོད་གནམ་གྲུ་འབབ་ཐང་གི་གནས་ཡུལ་བདམས་པའི་སྙན་ཞུར་ཉན་པ་དང་། ཆེད་མཁས་པ་དང་དམངས་སྤྱོད་མཁའ་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུའུ་ཡི་འགན་འཁུར་བས་གནམ་གྲུ་ཐང་གི་གནས་ཡུལ་དང་གནམ་གཤིས་གནས་ཚུལ།ལག་རྩལ་དང་མཁའ་དབུགས་ཇེ་གཙང་དུ་གཏོང་བ་སོགས་ཀྱི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།  རྫོང་འཕེལ་བསྒྱུར་དང་ཕྱུགས་ལས།  རྒྱལ་ཁོངས་ས་ཁུངས།  རྩེ་ཆུ་གྲོང་བརྡལ་སོགས་ཀྱི་འགན་འཁུར་བས་ས་སྡུད་བཤིག་སྤོ་དང་གནས་ཡུལ་འདེམས་པ།  ཆ་ཚང་སྒྲིག་གཞི། འབྲོག་དམངས་བྱ་བ་སོགས་ཀྱི་ཐད་ནས་རང་རང་གི་བསམ་ཚུལ་བརྗོད།

   更智才让代表县委、县政府对与会领导和专家连日来,为泽曲通用机场建设付出辛勤劳动和给予的殷切关怀表示衷心感谢。他指出,规划建设泽曲通用机场是我县各族人民多年来“飞天”出行的梦想,是泽库加快经济转型跨越、推进产业升级、促进社会进步的重大工程,是造福全县百姓的民生工程,对全县同步小康进程具有重大深远的意义。泽库县委、县政府要集中一切力量和资源,优先保障、全力以赴、下定决心支持泽曲通用机场建设。希望大家一如既往地关心和帮助泽曲机场建设的各项工作,为各项后续工作的有序推进奠定坚实基础。

   རྫོང་དཔོན་ཀུན་འགྲུབ་ཚེ་རིང་གིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ཏེ།  ཚོགས་ཞུགས་མགོ་ཁྲིད་དང་ཆེད་མཁས་པ་རྣམས་ཀྱིས་རྩེ་ཆུ་སྤྱི་སྤྱོད་གནམ་གྲུ་འབབ་ཐང་འཛུགས་སྐྲུན་ལ་དོ་སྣང་དང་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུས་ཤིང་།  ཁོས“རྩེ་ཆུ་སྤྱི་སྤྱོད་གནམ་གྲུ་འབབ་ཐང་གི་འཛུགས་སྐྲུན་ནི་རང་རྫོང་གི་རིགས་སོ་སོའི་མི་དམངས་ཀྱིས་བགྲང་བྱ་གང་མང་ལ་རེ་སྒུག་གིས་བསྙལ་པའི་མཛེས་སྡུག་གི་མཁའ་བསྐྱོད་རྨི་ལམ་ཐེངས་ཤིག་སྟེ།  རང་རྫོང་གི་དཔལ་འབྱོར་དང་ཐོན་ལས།  སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་ལས་གཞི་གལ་ཆེན་ཤིག་ཡིན་པར་མ་ཟད།  རྫོང་ཡོངས་ཀྱི་དམངས་ཕན་བཟོ་བཀོད་ཆེན་པོ་ཞིག་ཀྱང་ཡིན་པས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྟོབས་ཤུགས་དང་ཐོན་ཁུངས་ཡོད་ཚད་བཀོལ་ནས།  གནམ་གྲུ་འབབ་ཐང་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ངེས་ཡིན  ”ཟེར། 

    更智才让表示,泽库县将充分吸纳此次评审会上各位领导各位专家提出的宝贵意见和建议,在最短的时间,集中力量与设计单位、意向投资方及其他部门按照意见和建议认真修改、科学谋划、完善落实机场选址方案,提升好机场选址报告;积极做好机场选址的保护、征地、拆迁、资金筹措、其他配套建设等工作,全力加快机场建设各项工作。

   རྫོང་དཔོན་ཀུན་འགྲུབ་ཚེ་རིང་གིས“ང་ཚོས་ཐེངས་འདིའི་རིགས་སྒྲུབ་བརྟག་ཞིབ་གྲོས་ཚོགས་ཀྱི་ཆེད་མཁས་པའི་བསམ་འཆར་དང་གྲོས་གཞི་གཞིར་བཟུང་ནས། དུས་ཡུན་ཐུང་ངུའི་ནང་དུ་ཇུས་འགོད་ལས་ཁུངས་དང་དངུལ་གཏོང་ལས་ཁུངས་སོགས་ཀྱི་གྲོས་གཞི་ལྟར།ཚན་རིག་གིས་ཇུས་འགོད་དང་གནམ་གྲུ་འབབ་ཐང་གི་གནས་ཡུལ་གཏན་འཁེལ།  གནས་ཡུལ་སྲུང་སྐྱོབ། ས་སྡུད་བཤིག་སྤོ་སོགས་རྨང་གཞིའི་བྱ་བ་གཙིགས་སུ་བཟུང་སྟེ།  དམངས་སྤྱོད་མཁའ་འགྲུལ་དང་ཞིང་ཆེན།  ཁུལ་བཅས་ཀྱི་འབྲེལ་ཡོད་ལས་ཁུངས།  ཆེད་མཁས་པ་སོགས་ལ་འབྲེལ་གཏུག་གང་ལེགས་སྒོས།  སྟོབས་ཤུགས་ཡོད་ཚད་ཀྱིས་རྩེ་ཆུ་གནམ་གྲུ་འབབ་ཐང་འཛུགས་སྐྲུན་གྱི་བྱ་བ་མཐའ་དག་ལེགས་པོར་སྒྲུབ་ནས་ལས་གཞི་འཛུགས་སྐྲུན་དོན་འཁྱོལ་ཡོང་ངེས་ཡིན།”ཟེར།


关于我们网站声明联系我们

主办:泽库县人民政府 维护:泽库县人民政府办公室 联系电话:(0973)8752094

Copyright ®2007-2013 泽库县人民政府 www.zeku.gov.cn 中文域名:泽库县人民政府.政务

青ICP备05001601号-1青公网安备 63232302000001号