拒绝销售提供使用一次性塑料制品的倡议书

拒绝销售提供使用一次性塑料制品的倡议书

  全县广大干部、群众、老师、同学、个体工商户:

  我们生活在三江之源,高天圣境,虽然海拔高,气候多变,但是我们拥有最美的蓝天、白云,最美的有机草场,最清新的空气,最纯净的河流和水源;明媚的阳光普照大地,几片懒惰的云朵自由的在蓝天上游弋,成群的牛羊在绿色的草场上散漫的吃着青草,河水在阳关的照射下反射出点点晶莹的波光,愉快的流淌,牧人的账房炊烟袅娜的升起,一副多美的高原风景画啊!这种优美而舒适、干净的生活是我们每个人都向往的。

  今年以来,县委、县政府深入贯彻落实十九大精神及习近平总书记在视察青海时的讲话精神,深刻把握四个扎扎实实全面推进生态环境保护的新要求,自觉担负起对生态安全保护的特殊职责,做好生态文章,打造生态品牌,着力推进生态文明建设,在全社会开展生态环境综合整治工作,县域内生态环境得到了明显改善,市政建设取得了有目共睹的成绩。

  近年来,一次性塑料袋在我们日常生活中被广泛使用,我们使用其购物甚至装各种熟食。很多人认为未使用过的塑料袋看起来透明,相对应该比较卫生。实则不然,若长期使用其包装食品将危害自身健康。各类塑料包装物以其特有的性能被人们广泛使用,在我县每年耗费塑料袋上万个,且呈增长之势。由于种种原因,使用后废弃的塑料袋不能及时清理,散落在草地和路旁,极大的影响了我县各族群众的居住环境。白色污染对环境产生视觉危害,严重影响生活环境整体美感的同时,难以降解的废塑料制品还带来了长期的深层次环境问题。

  泽库是我们共同的家园,作为生活在泽库的每一名干部、群众、老师、同学、个体工商户都是泽库这个大家庭中的一员,有责任,有义务,为创建优美的生活环境做出一份贡献。因此,我们向大家提出倡议:

  1.不销售、运输、储存塑料购物袋和一次性塑料餐盒、碗、盘、碟、杯等餐具;不在经营和服务过程中使用一次性塑料包装袋。

  2.出门购物时使用环保袋,在生活当中尽量不要用塑料袋装食物,尽量用玻璃的保鲜盒。

  3.用过的塑料制品不要乱丢,要妥善处理,以免对环境造成污染。

  4.自觉对本行业、乡镇、社区、“卫生责任区”,城镇街道、背街小巷、市场、居住区、办公区、广场、水渠、绿地、寺院及景点、学校内外、草场的“白色污染”及积存生活垃圾进行清理。

     亲爱的朋友们,治理白色污染需要大家的热情,更需要大家的参与,为了我们县城更加清洁,为了我们的生活环境更加美好,为了我们的子孙后代有一个干净的居住环境,让我们从现在做起,从身边做起,从一点一滴小事做起,为创造出一片绿色家园献出自己的一份力量吧!让我们的天更蓝,水更清,草原更肥美,生活环境更加舒适美丽而行动起来吧!

                                                                                                   泽库县“白色污染”整治领导小组

                                                                                                                        2017年12月27日

 

གཅིག་སྤྱོད་རང་བཞིན་གྱི་འགྱིག་རྫས་འདོན་སྤྲོད་དང་བེད་སྤྱོད་མི་བྱེད་པར་གཏན་འགོག་བྱེད་དགོས་པའི་སྐོར་གྱི་གྲོས་འདོན་ཡི་གེ

རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས།   དགེ་རྒན་དང་སློབ་མ།  སྒེར་གཉེར་ཚོང་བ་སོགས་ཀྱི་སྤྱན་སྔར།

           ང་ཚོ་འཚོ་སྡོད་བྱེད་སའི་གཙང་གསུམ་འབྱུང་ཡུལ་སྟེ། “དབྱིངས་ཀྱི་དག་ཞིང་།  རྩེ་གཞུང་སྨན་ལྗོངས”འདི་ལ་མཚོན་ན། ས་བབས་མཐོ་ཞིང་ནམ་ཟླར་འགྱུར་ལྡོག་ཆེ་ཡང་། གནས་མཆོག་འདི་རུ་ང་ཚོ་ལ་དབང་བ་ནི་སྔོ་ཞིང་དྭངས་བའི་ནམ་མཁའ་དང་། དྲོ་ཞིང་འཇམ་པོའི་ཉི་འོད། མཛེས་ཤིང་སྡུག་པའི་སྤྲིན་དཀར། དྭངས་ཤིང་གཙང་བའི་མཁའ་དབུགས། ལྷུང་ལྷུང་འབབ་པའི་ཆུ་མོ། ཕྱུགས་ཀྱི་འཕེལ་ཁ་དར་བའི་འབྲོག་ཐང་བཅས་ཡིན།  གཞན་ཡང་སོས་དལ་ལྷང་ལྷུང་བཞུར་བཞིན་པའི་ཆུ་བོའི་རླབས་ཀྱི་ཟེགས་མ་ལས་ཉི་འོད་ལྡོག་འཕྲོ་བྱེད་པ་དང་། མཐོན་པོའི་མཁའ་དབྱིངས་སུ་སྤྲིན་དཀར་གྱི་འདབ་མ་བག་ཡངས་ངང་རྒྱུ་བ། སྔོ་ལྗང་གི་སྤང་ཐང་སྟེང་ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་རྩྭ་ཆུ་ལ་རོལ་བཞིན་པ། འབྲོག་པའི་སྦྲ་ཁྱིམ་དག་ལས་དུ་བ་སྔོན་མོ་ལྷོག་ལྷོག་དུ་འཕྱུར་བཞིན་པ་བཅས་རི་མོ་བཞིན་ཇི་འདྲའི་ཡིད་དུ་འོང་བའི་མཐོ་སྒང་གི་རྣམ་པ་ཞིག་རེད་འང་། མདོར་ན། མཛེས་སྡུག་དང་། བག་ཡངས། དྭངས་གཙང་གི་འཚོ་བ་ནི་ང་ཚོ་མི་ཀུན་གྱི་རེ་སྨོན་བྱེད་ས་འབའ་ཞིག་གོ

           ད་ལོ་ནས་བཟུང་།   རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་ལག་ལེན་མཐར་ཕྱིན་དང་།   ནན་ཏན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བླང་བྱ་གསར་བ་དམ་འཛིན་བྱས་ཏེ།  སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་གི་ཁྱད་འཕགས་ལས་འགན་ཕྲག་ཏུ་ཁུར་ནས།   སྐྱེ་ཁམས་རིག་གནས་དར་སྤེལ་དང་སྐྱེ་ཁམས་ཚོང་རྟགས་བཟོ་བསྐྲུན་བྱས་ཏེ།   རིམ་བཞིན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་།   སྤྱི་ཚོགས་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་དར་སྤེལ་གཏོང་དགོས་ཤིང་།  རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་།   གྲོང་ཁྱེར་འཛུགས་སྐྲུན་བྱ་བར་མིག་མཐོང་ལག་ཟིན་གྱིས་གྲུབ་འབྲས་བཟང་པོ་ཐོབ་ཡོད།

           ཉེ་བའི་ལོ་འགའི་རིང་།   ང་ཚོས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་གཅིག་སྤྱོད་རང་བཞིན་གྱི་འགྱིག་ཁུག་ཕྱོགས་མང་པོར་བཀོལ་སྤྱོད་བྱེད་ཀྱིན་ཡོད་ལ།  ང་ཚོས་འགྱིག་ཁུག་ནང་དུ་ཚོང་རྫས་དང་ཟས་རིགས་སོགས་འཇོག་གི་ཡོད་ཅིང་།   མི་མང་པོའི་བཀོལ་སྤྱོད་མ་བྱས་པའི་འགྱིག་ཁུག་ནི་གཙང་མར་འདོད་མོད།   འོན་ཀྱང་དོན་དངོས་སུ་གཙང་མ་མིན་ཏེ།   དུས་ཡུན་རིང་བོར་འགྱིག་ཁུག་ནང་དུ་ཟས་རིགས་བཞག་ན་རང་ཉིད་ཀྱི་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད་ཅིང་།   རང་རྫོང་དུ་ལོ་རེར་འགྱིག་ཁུག་ཁྲི་བརྒྱ་ལྷག་བཀོལ་སྤྱོད་བྱས་ཡོད་པར་མ་ཟད།   འགྱིག་ཁུག་བཀོལ་པའི་སྣང་ཚུལ་ཇེ་མང་དུ་འགྲོ་བཞིན་འདུག   རྒྱུ་རྐྱེན་ག་གེ་མོའི་དབང་གིས།   འགྱིག་ཁུག་བཀོལ་སྤྱོད་བྱས་རྗེས་དུས་ལྟར་གཙང་སེལ་བྱེད་མ་ཐུབ་པས།  སྡོང་མགོ་དང་ལམ་འགྲམ་སོགས་སུ་ཁུར་ནས་རང་རྫོང་གི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ།   འབག་བཙོག་དཀར་པོས་ཁོར་ཡུག་ཇེ་རྩོག་ཏུ་བཏང་།

           རྩེ་ཁོག་ནི་ང་ཚོ་ཐུན་མོང་གི་ཁྱིམ་གཞི་ཡིན་ལ།   ང་ཚོ་ལས་བྱེད་པ་དང་མང་ཚོགས།   དགེ་རྒན་དང་སློབ་མ།   སྒེར་གཉེར་ཚོང་ལས་བ་ཚང་མ་ཁྱིམ་གཞི་ཆེན་པོ་འདིའི་ནང་གི་ཆ་ཤས་ཡིན་ཞིང་།   ང་ཚོར་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་སྐྲུན་པའི་འགན་ཁུར་ཡོད་པས།   ང་ཚོས་ཚང་མར་གྲོས་གཞི་བཏོན་པ་འདི་ལྟ་སྟེ།

  1. གཅིག་སྤྱོད་རང་བཞིན་གྱི་འགྱིག་ཁུག་དང་ཇ་ཕོར། སྡེར་མ་སོགས་ཉོ་ཚོང་དང་། བཀོལ་སྤྱོད། སྐྱེལ་འདྲེན་བྱེད་མི་ཆོག་པ་དང་། ཚོང་ཁང་དང་མགྲོན་ཁང་སོགས་ཀྱི་འགྱིག་ཁུག་གིས་ཟ་མར་ཐུམ་རྒྱག་མི་ཆོག

     2.དངོས་ཟོང་ཉོ་སྐབས་ཁོར་སྲུང་ཁུག་མ་བཀོལ་རྒྱུ་ལས་ཚོང་ཁང་ནང་གི་འགྱིག་ཁུག་བཀོལ་མི་ཆོག

    3. འཚོ་བའི་ཁྲོད་འགྱིག་ཁུག་ནང་དུ་དངོས་བོ་མི་འཇོག་པ་དང་ཤེལ་སྒོ་སོགས་སྲུང་ཉར་སྒམ་ཆུང་ངམ་ཁོར་སྲུང་ཁུག་མ་བཀོལ་སྤྱོད་བྱེད་དགོས།

     4.བཀོལ་སྤྱོད་བྱས་མྱོང་བའི་འགྱིག་རྫས་ཡོད་ན་གང་འདོད་དུ་མི་འཕེན་པར་གཙང་སེལ་བཟང་བོ་བྱས་ཏེ།   ཁོར་ཡུག་འབག་བཙོག་བཟོ་བར་ཡིད་འཇོག་བྱེད་དགོས།

  5.རང་ཉིད་ཀྱི་ཞང་གྲོང་དང་གྲོང་གསེབ།   “ཁག་བགོས་འཕྲོད་བསྟེན་གནས་ཡུལ”། མཁར་གྲོང་གཞུང་ལམ། ཀྱག་ཀྱོག་སྲང་ལམ། ཚོང་ར། སྡོད་ཁུལ། གཞུང་སྒྲུབ་ས་ཁུལ། ཐང་ཆེན།   ཆུ་རྐ   ལྗང་ཁུལ།  དགོན་སྡེ།  སློབ་གྲྭའི་ཕྱི་ནང་།   རྩྭ་ཐང་སོགས་ཀྱི“གད་སྙིགས་དཀར་པོའི་བཙོག་སྐྱོན”དང་འཚོ་བའི་གད་སྙིགས་སོགས་གཙང་སེལ་བྱེད་དགོས།

              སྙིང་ཉེ་བའི་གྲོགས་པོ་ལགས།   འགྱིག་རྫས་འབག་བཙོག་གཙང་སེལ་བྱེད་པར་ཚང་མའི་སྤྲོ་སེམས་དགོས་ལ།   བྱ་འགུལ་འདིར་ང་ཚོ་ཚང་མ་ལྷན་ཅིག་ཏུ་ཞུགས་རྒྱུ་ནི་དེ་བས་ཀྱང་གལ་ཆེ་སྟེ།   ང་ཚོའི་རྫོང་མཁར་དང་རྫོང་ཁོངས་ཀྱི་ཁོར་ཡུག་དྭངས་གཙང་ཡིན་པ་དང་།    འཚོ་བའི་ཁོར་ཡུག་མཛེས་སྡུག་ལྡན་ལ་མི་རབས་རྗེས་མར་འཚོ་སྡོད་ཁོར་ཡུག་ལེགས་པོ་ཡོད་པ། མདོར་ན་ནམ་མཁའ་སྔར་ལས་གཡའ་དག་པ་དང་ཆུ་མོ་སྔར་ལས་དྭངས་ཤིང་གསལ་བ།   རྩྭ་ཐང་སྔར་ལས་ཡིད་དུ་འོང་བ།   འཚོ་བའི་ཁོར་ཡུག་སྔར་ལས་མཛེས་ཤིང་སྡུག་པ་ཞིག་བསྐྲུན་པའི་ཆེད་དུ།  ང་ཚོས་མཉམ་དུ་ལག་རྡང་སྦྲེལ་ནས།   དུས་ད་ལྟ་དང་རང་ཉིད་ཀྱི་ཉེ་འཁོར།  མདོར་ན་དོན་དག་ཆུང་ཆུང་ནས་མགོ་བརྩམས་ཏེ།   འགྱིག་རྫས་འབག་བཙོག་གཙང་སེལ་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་ཡོད་རྒུ་འབུལ་དགོས།།

                                                                                                         རྩེ་ཁོག་རྫོང“འབག་བཙོག་དཀར་པོ”གཙང་སེལ་མགོ་ཁྲིད་ཚན་ཆུང་ནས།

                                                                                                                       2017ལོའི་ཟླ12བའི་ཚེས27ཉིན།

 

关于我们网站声明联系我们

主办:泽库县人民政府 维护:泽库县人民政府办公室

Copyright ®2007-2013 泽库县人民政府 www.zeku.gov.cn 中文域名:泽库县人民政府.政务

青ICP备05001601号-1