关于源头控制一次性塑料制品和治理“白色污染”的通告

关于源头控制一次性塑料制品和治理“白色污染”的通告

  为全面贯彻落实党的十九大精神和习近平总书记关于扎实推进生态环境保护的重要要求,增强环保意识,动员全社会力量参与到生态文明建设中来,着力改善县域内环境面貌,按照《泽库县环境综合整治工作方案》,为加强各家零售、餐饮、宾馆、医院等业主参与环境整治工作意识,有效防止一次性塑料制品对环境的污染,现将有关事项通告如下:

  一、禁止销售、运输、储存、使用塑料购物袋和一次性塑料餐盒、碗、盘、碟、杯等餐具;禁止商品零售场所、服务场所在经营和服务过程中使用一次性塑料包装袋。

  二、对符合国家有关标准的塑料制品,实行有偿使用制度。

  三、塑料制品的销售批发商应向市场监督管理部门报送经营产品的相关信息,以备查验。

  四、禁止商场、宾馆、集贸市场、餐饮、娱乐、运输车辆、车站、医院等场所向消费者提供本通告第一条禁止的一次性塑料制品,鼓励使用环保购物袋、布袋等较坚固、可反复使用的各种购物袋,从而有效控制“白色垃圾”对我县环境污染的影响。

  五、各乡镇、各部门切实履行“属地管理”和“卫生责任区”的责任,对城镇街道、背街小巷、市场、居住区、办公区、广场、水渠、绿地、寺院及景点内外、学校内外、草场的“白色污染”及积存生活垃圾进行全面彻底清理。

  本通告发布之日起,各类销售、使用、提供一次性塑料制品经营业主,按照本通告执行;对违反上述规定者,县“白色污染”整治领导小组将依法对其从严、从快查处。

                                                泽库县“白色污染”整治领导小组

                                     2017年12月27日

 

 རྩེ་ཁོག་རྫོང་གིས་མགོ་ཁུངས་ནས་གཅིག་སྤྱོད་འགྱིག་ཁུག་དང“འབག་བཙོག་དཀར་པོ”ལེགས་བཅོས་བྱེད་པའི་སྐོར་གྱི་བརྡ་ཁྱབ།

  ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱིས་བཏོན་པའི་ནན་ཏན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པའི་སྐོར་གྱི་བླང་བྱ་གལ་ཆེན་གཞིར་བཟུང་ནས། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་མཐོར་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ནུས་པ་གང་ལེགས་འདོན་དགོས་ལ། རིམ་བཞིན་དུ་རྫོང་ཁོངས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་དགོས། 《རྩེ་ཁོག་རྫོང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཇུས་གཞི》ལྟར། རྫོང་ཡོངས་ཀྱི་ཚོང་ཁང་དང་། ཟ་ཁང་། མགྲོན་ཁང་། སྨན་ཁང་སོགས་ཀྱིས་ཁོར་ཡུག་ལེགས་བཅོས་ཀྱི་འདུ་ཤེས་ཇེ་བཟང་དུ་བཏང་ནས། ཕན་འབྲས་ལྡན་པའི་སྒོ་ནས་འགྱིག་ཁུག་གི་བཙོག་སྐྱོན་ལེགས་བཅོས་བྱེད་དགོས་པའི་སྐོར་གྱི་བརྡ་ཁྱབ་སྟེ།

  གཅིག གཅིག་སྤྱོད་རང་བཞིན་གྱི་འགྱིག་ཁུག་དང་ཇ་ཕོར། སྡེར་མ་སོགས་ཉོ་ཚོང་དང་། བཀོལ་སྤྱོད། སྐྱེལ་འདྲེན་བྱེད་མི་ཆོག་པ་དང་། ཚོང་ཁང་དང་མགྲོན་ཁང་སོགས་ཀྱི་འགྱིག་ཁུག་གིས་ཟ་མར་ཐུམ་རྒྱག་མི་ཆོག

  གཉིས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་འགྱིག་བཟོས་དངོས་ཟོང་ཡོད་ཚད་ལ་གླ་བླངས་ནས་བེད་སྤྱོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཆོག

  གསུམ། སྤོས་འགྱིག་རིགས་མཁོ་སྤྲོད་བྱེད་པའི་སྡེབ་ཚོང་ཁང་གིས་ངེས་པར་དུ་རྫོང་ཚོང་ར་ལྟ་སྐུལ་ཅུའུ་ལ་འབྲེལ་ཡོད་ཀྱི་གནས་ཚུལ་འདོན་སྤྲོད་བྱས་ཏེ་ཞིབ་བཤེར་ལ་མཐུན་རྐྱེན་བསྐྲུན་དགོས།

  བཞི། ཚོང་ར་དང་མགྲོན་ཁང་། ཟ་ཁང་། གླུ་གར་ཁང་། སྐྱེལ་འདྲེན་རླངས་འཁོར། རླངས་འཁོར་ས་ཚིགས། སྨན་ཁང་སོགས་ཀྱིས་སྐུ་མགྲོན་ལ་ཁོར་སྲུང་ཁུག་མ་དང་རས་ཁུག བསྐྱར་བཀོལ་ཁུག་མ་སོགས་མཁོ་སྤྲོད་བྱེད་པ་ལས་གཅིག་སྤྱོད་འགྱིག་ཁུག་འདོན་སྤྲོད་བྱེད་མི་ཆོག

  ལྔ། ཞང་དང་གྲོང་རྡལ། སྡེ་ཁག་སོ་སོས་རང་ལས་ཁུངས་ཀྱི“ཁོངས་གཏོགས་ས་ཆའི་དོ་དམ”དང“ཁག་བགོས་འཕྲོད་བསྟེན་གནས་ཡུལ”གྱི་འགན་འཁྲི་དང་ལེན་བྱས་ཏེ། མཁར་གྲོང་གཞུང་ལམ་དང་།   ཀྱག་ཀྱོག་སྲང་ལམ།   ཚོང་ར།   སྡོད་ཁུལ།   གཞུང་སྒྲུབ་ས་ཁུལ།   ཐང་ཆེན། ཆུ་རྐ  ལྗང་ཁུལ།  དགོན་སྡེ།   སློབ་གྲྭ   རྩྭ་ཐང་སོགས་ཀྱི་འབག་བཙོག་དཀར་པོའི་བཙོག་སྐྱོན་དང་འཚོ་བའི་གད་སྙིགས། འཛུགས་སྐྲུན་གད་སྙིགས་གཙང་སེལ་བྱེད་དགོས།

  བརྡ་ཁྱབ་འདི་འགྲེམ་སྤེལ་བྱས་པ་ནས་བཟུང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། དགེ་རྒན་དང་སློབ་མ། སྒེར་གཉེར་ཚོང་བ། སྤོས་འགྱིག་ཉོ་ཚོང་དང་བཀོལ་སྤྱོད་བྱེད་པའི་ཁེ་ལས་པ་རྣམས་ཀྱིས་རང་ཡུལ་རང་གཅེས་ཀྱི་འདུ་ཤེས་བཟུང་སྟེ་འགྱིག་ཁུག་བཀག་འགོག་དང་རྩ་བ་ནས་མེད་པར་བཟོ་དགོས། གལ་ཏེ། གོང་གི་སྒྲིག་སྲོལ་འདིར་འགལ་ཚེ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་རྒྱུ། །

                                                                                                        རྩེ་ཁོག་རྫོང“འབག་བཙོག་དཀར་པོ”གཙང་སེལ་མགོ་ཁྲིད་ཚན་ཆུང་།

                                                                                                                     2017ལོའི་ཟླ12བའི་ཚེས27ཉིན།

关于我们网站声明联系我们

主办:泽库县人民政府 维护:泽库县人民政府办公室

Copyright ®2007-2013 泽库县人民政府 www.zeku.gov.cn 中文域名:泽库县人民政府.政务

青ICP备05001601号-1