泽库县人民政府关于严厉打击非法开垦(占用)草原、林地等违法违规行为的通告
泽库县人民政府
关于严厉打击非法开垦(占用)草原、林地等
违法违规行为的通告
为全面贯彻落实习近平生态文明思想,践行“绿水青山就是金山银山”理念,进一步提升全县广大群众知法守法意识,有效制止非法开垦草原、林地等违法行为,切实加强自然资源管理,筑牢生态环境安全屏障。根据《中华人民共和国环境保护法》《中华人民共和国土地管理法》《中华人民共和国森林法》《中华人民共和国草原法》《中华人民共和国刑法》等法律法规规定及相关文件精神,现将有关事项通告如下:
一、严禁非法开垦草原
(一)非法开垦草原20亩以下:责令停止违法行为,限期恢复植被,没收非法财物和违法所得,并处违法所得一倍以上五倍以下的罚款;没有违法所得的,并处5万元以下的罚款。
(二)非法开垦草原20亩以上:涉嫌刑事犯罪,依法追究刑事责任,判处5年以下有期徒刑或拘役,并处或单处罚金。给草原所有者或者使用者造成损失的,依法承担赔偿责任。
二、严禁非法开垦林地
(一)非法开垦林地5亩以下:造成林木毁坏的,限期在原地或者异地补种毁坏株数一倍以上三倍以下的树木,处毁坏林木价值五倍以下的罚款;造成林地毁坏的,限期恢复植被和林业生产条件,处恢复植被和林业生产条件所需费用三倍以下的罚款。
(二)非法开垦林地5亩以上,涉嫌刑事犯罪,依法追究刑事责任,判处五年以下有期徒刑或拘役,并处或单处罚金。
三、严禁非法占用草原
(一)非法使用草原20亩以下:退还非法使用的草原,对违反草原保护、建设、利用规划擅自将草原改为建设用地的,限期拆除在非法使用的草原上新建的建筑物和其他设施,恢复草原植被,并处草原被非法使用前三年平均产值六倍以上十二倍以下的罚款。
(二)非法占用草原、改变被占用草原用途,数量在20亩以上的:或者曾因非法占用草原受过行政处罚,在三年内又非法占有草原、改变被占用草原用途在10亩以上的,具有下列情节的,认定为造成草地大量毁坏,由公安机关依法立案查处:
1.开垦草原种植粮食作物、经济作物、林木的;2.在草原上建房、修路、挖砂、采石、采矿、取土、剥取草皮的;3.在草原上堆放或者排放废弃物,造成草原的原有植被严重毁坏或者严重污染的;4.违反草原生态保护与建设利用规划种植牧草和饲料作物,造成草原沙化或者水土严重流失的。
四、严禁擅自改变林地用途
(一)擅自改变林地用途5亩以下:责令限期恢复植被和林业生产条件,可以处恢复植被和林业生产条件所需费用三倍以下的罚款。
(二)非法占用林地,改变被占用林地用途,具有下列情形之一的,应当认定为刑法第三百四十二条规定的造成林地“毁坏”:1.在林地上实施建窑、建坟、建房、修路、硬化等工程建设的;2.在林地上实施采石、采砂、采土、采矿等活动的;3.在林地上排放污染物、堆放废弃物或者进行非林业生产、建设,造成林地被严重污染或者原有植被、林业生产条件被严重破坏的。
(三)具有下列情形之一的,应当认定为刑法第三百四十二条规定的“数量较大,造成耕地、林地等农用地大量毁坏”,由公安机关依法立案查处:1.非法占用并毁坏公益林地5亩以上的;2.非法占用并毁坏商品林地10亩以上的;3.非法占用并毁坏的公益林地、商品林地数量虽未分别达到第一项、第二项规定标准,但按相应比例折算合计达到有关标准的;4.二年内曾因非法占用农用地受过二次以上行政处罚,又非法占用林地,数量达到第一项至第三项规定标准一半以上的。
请广大人民群众积极参与监督,发现乱开滥垦、非法占用草原、擅自改变林地用途等行为时,应及时向(0973-8752687)举报,将对举报人信息严格保密。对拒绝、阻挠行政部门执行公务或聚众闹事、围攻殴打执法人员的,将移交公安机关依照相关法律、法规处罚。
特此通告。
泽库县人民政府
2025年5月21日
རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་གིས་རྩྭ་ཐང་དང་ནགས་ས་ཁྲིམས་འགལ་གྱིས་གསར་སློག(བཟུང་སྤྱོད)བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་
གཏོང་བའི་བརྡ་ཁྱབ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་བསམ་བློ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བགྱིས་ཏེ། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་པའི་དགོངས་དོན་ལག་ལེན་དུ་བསྟར་ཆེད་དང་། རྫོང་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་ཤེས་ཁྲིམས་སྲུང་འདུ་ཤེས་སྔར་བས་ཇེ་ཆེར་གཏོང་བ། ཁྲིམས་འགལ་གྱིས་རྩྭ་ཐང་དང་ནགས་ས་གསར་སློག་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་ནུས་ལྡན་བྱས་ཏེ། རང་བྱུང་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་ནན་ཏན་སྒོས། སྣོད་བཅུད་ཁོར་ཡུག་གི་བདེ་འཇགས་འགོག་སྲུང་ལ་སྲུང་སྐྱོབ་བྱེད་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བཟུང་སྟེ། ད་ལྟ་འབྲེལ་ཡོད་ཀྱི་དོན་ཚན་དག་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
དང་བོ།ཁྲིམས་འགལ་གྱིས་རྩྭ་ཐང་གསར་སློག་བྱེད་པར་གཏན་འགོག་བྱ་དགོས།
གཅིག ཁྲིམས་འགལ་གྱིས་མུའུ་ཉི་ཤུ་མན་གྱི་རྩྭ་ཐང་གསར་སློག་བྱས་ཚེ། ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་ཅིང་། དུས་བཀག་ནང་དུ་སྔོ་ཁེབས་སླར་གསོ་བྱེད་པའི་ཁག་འགན་བཅོལ་བ་ཡིན། ད་དུང་ཁྲིམས་འགལ་གྱི་རྒྱུ་ནོར་དང་ཐོབ་ཆ་གཞུང་བཞེས་བཏང་སྟེ། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་གཅོད་པ་ཡིན། ལར་ཁྲིམས་འགལ་གྱི་ཐོབ་ཆ་མེད་པ་ཡིན་ན། སྒོར་ཁྲི་ལྔའི་མན་གྱི་དངུལ་ཆད་གཅོད་ངེས།
གཉིས། ཁྲིམས་འགལ་གྱིས་མུའུ་ཉི་ཤུ་ཡན་གྱི་རྩྭ་ཐང་གསར་སློག་བྱས་ཏེ། ཉེས་དོན་ཉེས་བསགས་ཀྱི་དོགས་པ་ཡོད་ཚེ། ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱེད་ཅིང་། དུས་བཀག་བཙོན་འཇུག་ལོ་ལྔ་མན་ནམ་བཙན་ཉར་ལས་བསྐུལ་བྱས་ཏེ། དངུལ་ཆད་སྦྲགས་གཅོད་དམ་དངུལ་ཆད་ཁེར་གཅོད་བྱེད་ངེས། རྩྭ་ཐང་གི་བདག་པོའམ་བེད་སྤྱོད་བྱེད་མཁན་ལ་གྱོང་གུན་བཟོས་ཚེ། ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁྲི་འཁུར་དགོས།
གཉིས་པ།ཁྲིམས་འགལ་གྱིས་ནགས་ས་གསར་སློག་བྱེད་པར་གཏན་འགོག་བྱ་དགོས།
གཅིག ཁྲིམས་འགལ་གྱིས་ནགས་ས་མུའུ་ལྔ་མན་གསར་སློག་བྱས་ཏེ། ནགས་ཤིང་ལ་གཏོར་བརླག་བཟོས་ཚེ། དུས་བཀག་ནང་དེ་སྔའི་གནས་སམ་ས་གནས་གཞན་དུ། གཏོར་བརླག་བགྱིས་ཟིན་པའི་སྡོང་བོའི་ཁ་གྲངས་ཀྱི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་སྡོང་བོ་གསབ་འདེབས་བྱེད་དགོས། ད་དུང་གཏོར་བརླག་བྱས་ཟིན་པའི་སྡོང་བོའི་རིན་ཐང་གི་ལྡབ་ལྔ་མན་གྱི་དངུལ་ཆད་གཅོད་ངེས། ནགས་ས་ལ་གཏོར་བརླག་བཟོས་ཚེ། དུས་བཀག་ནང་སྔོ་ཁེབས་དང་ནགས་ལས་ཐོན་སྐྱེད་ཆ་རྐྱེན་སླར་གསོ་བྱེད་དགོས་ཤིང་། སྔོ་ཁེབས་དང་ནགས་ལས་ཐོན་སྐྱེད་ཆ་རྐྱེན་སླར་གསོ་བྱེད་པར་མཁོ་བའི་འགྲོ་གྲོན་གྱི་ལྡབ་གསུམ་མན་གྱི་དངུལ་ཆད་གཅོད་ངེས།
གཉིས། ཁྲིམས་འགལ་གྱིས་ནགས་ས་མུའུ་ལྔ་ཡན་གསར་སློག་བྱས་ཏེ། ཉེས་དོན་ཉེས་བསགས་ཀྱི་དོགས་པ་ཡོད་ཚེ། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱས་ཏེ། དུས་བཀག་བཙོན་འཇུག་ལོ་ལྔ་མན་ནམ་བཙན་ཉར་ལས་བསྐུལ་བྱེད་ཅིང་། ད་དུང་དངུལ་ཆད་སྦྲགས་གཅོད་དམ་དངུལ་ཆད་ཁེར་གཅོད་བྱེད་ངེས།
གསུམ་པ།ཁྲིམས་འགལ་གྱིས་རྩྭ་ཐང་བཟུང་སྤྱོད་བྱེད་པ་གཏན་འགོག་བྱ་དགོས།
གཅིག ཁྲིམས་འགལ་གྱིས་མུའུ་ཉི་ཤུའི་མན་གྱི་རྩྭ་ཐང་བེད་སྤྱོད་བྱས་ཚེ། ཁྲིམས་འགལ་ངང་བེད་སྤྱོད་བྱས་པའི་རྩྭ་ཐང་ཕྱིར་སློག་དགོས་ཤིང་། རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན། བེད་སྤྱོད་བཅས་ཀྱི་འཆར་འགོད་དང་འགལ་ནས་རང་མོས་ཀྱིས་རྩྭ་ཐང་གི་ངོ་བོ་འཛུགས་སྐྲུན་ས་ཞིང་དུ་བསྒྱུར་བའི་རིགས་ལ། དུས་བཀག་ནང་ཁྲིམས་འགལ་ངང་བེད་སྤྱོད་བྱས་ཏེ། རྩྭ་ཐང་སྟེང་དུ་གསར་བསྐྲུན་བགྱིས་པའི་འཛུགས་སྐྲུན་དངོས་པོ་དང་སྒྲིག་ཆས་གཞན་དག་བཤིག་སྟེ། རྩྭ་ཐང་གི་སྔོ་ཁེབས་སླར་གསོ་བྱེད་དགོས། ད་དུང་ཁྲིམས་འགལ་ངང་རྩྭ་ཐང་བེད་སྤྱོད་མ་བྱས་པའི་སྔོན་གྱི་ལོ་གསུམ་གྱི་ཆ་སྙོམས་ཐོན་རྫས་ཀྱི་རིན་ཐང་གི་ལྡབ་དྲུག་ཡན་ནས་ལྡབ་བཅུ་གཉིས་མན་གྱི་དངུལ་ཆད་གཅོད་ངེས།
གཉིས། ཁྲིམས་འགལ་གྱིས་རྩྭ་ཐང་བཟུང་སྤྱོད་བྱས་ཏེ། བཟུང་སྤྱོད་བྱས་པའི་རྩྭ་ཐང་གི་སྤྱོད་སྒོ་བསྒྱུར་ནས་གྲངས་འབོར་མུའུ་ཉི་ཤུའི་ཡན་ཟིན་པའམ། ཁྲིམས་འགལ་གྱིས་རྩྭ་ཐང་བཟུང་སྤྱོད་བྱས་ཏེ་སྲིད་འཛིན་གྱི་ཆད་པ་བཅད་མྱོང་ཞིང་། ལོ་གསུམ་གྱི་ནང་དུ་སླར་ཡང་ཁྲིམས་འགལ་གྱིས་རྩྭ་ཐང་བཟུང་སྤྱོད་བྱས་ཏེ། བཟུང་སྤྱོད་བྱས་པའི་རྩྭ་ཐང་གི་སྤྱོད་སྒོ་བསྒྱུར་ནས་གྲངས་འབོར་མུའུ་བཅུའི་ཡན་ཟིན་པའི་རིགས་ལ། གཤམ་གསལ་གྱི་གནས་ཚུལ་ཡོད་ཚེ། རྩྭ་ཐང་ལ་གཏོར་བརླག་འབོར་ཆེན་བཟོས་པར་ངོས་འཛིན་བྱས་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱེད་ངེས།
༡.རྩྭ་ཐང་གསར་སློག་བྱས་ཏེ་འབྲུ་རིགས་ལོ་ཏོག་དང་དཔལ་འབྱོར་ལོ་ཏོག ནགས་ཤིང་བཅས་འདེབས་འཛུགས་བྱས་པའི་རིགས། ༢.རྩྭ་ཐང་སྟེང་དུ་ཁང་པ་བསྐྲུན་པ་དང་ལམ་ལས་པ། བྱེ་མ་འདོན་པ། རྡོ་འདོན་པ། གཏེར་འདོན་པ། ས་འདོན་པ། སྤང་ངོས་གཏོར་བརླག་བྱས་པའི་རིགས། ༣.རྩྭ་ཐང་སྟེང་དུ་བེད་མེད་དངོས་པོ་སྤུངས་པའམ་བེད་མེད་དངོས་རོ་ཕྱིར་གཏོང་བྱས་ཏེ། རྩྭ་ཐང་གི་སྔར་ཡོད་སྔོ་ཁེབས་ལ་གཏོར་བརླག་ཚབས་ཆེན་བཟོས་པའམ་སྦགས་བཙོག་ཚབས་ཆེན་བཟོས་པའི་རིགས། ༤.རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྲུན་བེད་སྤྱོད་འཆར་འགོད་དང་འགལ་ཏེ། རྩྭ་ཐང་དང་གཟན་ཆས་ལོ་ཏོག་འདེབས་འཛུགས་བྱས་ནས་རྩྭ་ཐང་བྱེ་འགྱུར་རམ་ས་ཆུ་སྲུང་ཤོར་ཚབས་ཆེན་ཤོར་བའི་རིགས།
བཞི་བ།རང་དགར་ངང་ནགས་ཚལ་གྱི་སྤྱོད་སྒོ་བསྒྱུར་རྒྱུར་གཏན་འགོག་བྱ་དགོས།
གཅིག རང་དགར་ངང་མུའུ་ལྔ་མན་གྱི་ནགས་སའི་སྤྱོད་སྒོ་བསྒྱུར་ཚེ། དུས་བཀག་ནང་སྔོ་ཁེབས་དང་ནགས་ལས་ཐོན་སྐྱེད་ཆ་རྐྱེན་སླར་གསོ་བྱེད་དགོས་པའི་བཀའ་ཕབ་ཅིང་། སྔོ་ཁེབས་དང་ནགས་ལས་ཐོན་སྐྱེད་ཆ་རྐྱེན་སླར་གསོ་བྱེད་པར་མཁོ་བའི་འགྲོ་གྲོན་གྱི་ལྡབ་གསུམ་མན་གྱི་དངུལ་ཆད་བཅད་ཆོག
གཉིས། ཁྲིམས་འགལ་གྱིས་ནགས་ས་བཟུང་སྤྱོད་བྱས་ཏེ། བཟུང་སྤྱོད་བྱས་པའི་ནགས་སའི་སྤྱོད་སྒོ་བསྒྱུར་ནས་གཤམ་གསལ་གྱི་གནས་ཚུལ་རིགས་ཤིག་ཡོད་ན།ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་དང་ཞེ་གཉིས་པའི་ནང་གཏན་འབེབས་བྱས་པའི་ནགས་ས་ལ“གཏོར་བརླག”བཟོས་པར་ངོས་འཛིན་བྱ་ངེས། ༡.ནགས་སའི་སྟེང་དུ་དོང་བརྐོ་བ་དང་དུར་འདེབས་པ། ཁང་པ་བསྐྲུན་པ། ལམ་ལས་པ། བཟོ་སྐྲུན་སོགས་ལས་གྲྭའི་འཛུགས་སྐྲུན་གྱི་རིགས། ༢.ནགས་སའི་སྟེང་དུ་བྱེ་མ་འདོན་པ། རྡོ་འདོན་པ། གཏེར་འདོན་པ། ས་འདོན་པ་སོགས་ཀྱི་བྱེད་སྒོ་སྤེལ་བའི་རིགས། ༣.ནགས་སའི་སྟེང་དུ་སྦགས་བཙོག་གི་དངོས་པོ་ཕྱིར་གཏོང་བྱེད་པ། བེད་མེད་དངོས་པོ་སྤུངས་པའམ་ནགས་ལས་མིན་པའི་ཐོན་སྐྱེད་དང་འཛུགས་སྐྲུན་བྱས་ཏེ། ནགས་ས་ལ་སྦགས་བཙོག་ཚབས་ཆེན་ཐེབས་པའམ། ཡང་ན་སྔར་ཡོད་ཀྱི་སྔོ་ཁེབས་དང་ནགས་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལ་གཏོར་བརླག་ཚབས་ཆེན་ཐེབས་པའི་རིགས།
གསུམ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་དང་ཞེ་གཉིས་པའི་ནང་གཏན་འབེབས་བྱས་པའི“རྨོ་ཞིང་དང་ནགས་ས་སོགས་ཞིང་སྤྱོད་ས་ཞིང་ལ་གཏོར་བརླག་འབོར་ཆེན་བཟོས་ཤིང་། གྲངས་འབོར་ཅུང་མང་བར”ངོས་འཛིན་བྱས་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱ་ངེས། ༡. མུའུ་ལྔ་ཡན་གྱི་སྤྱི་ཕན་ནགས་ས་ཁྲིམས་འགལ་གྱིས་བཟུང་སྤྱོད་བྱས་ཏེ་གཏོར་བརླག་བྱས་པའི་རིགས། ༢. མུའུ་བཅུའི་ཡན་གྱི་ཚོང་ཟོག་ནགས་ས་ཁྲིམས་འགལ་གྱིས་བཟུང་སྤྱོད་བྱས་ཏེ་གཏོར་བརླག་བྱས་པའི་རིགས། ༣.སྤྱི་ཕན་ནགས་ས་དང་ཚོང་ཟོག་ནགས་ས་ཁྲིམས་འགལ་གྱིས་བཟུང་སྤྱོད་བྱས་ཏེ། སོ་སོར་གཏོར་བརླག་བཏང་བའི་གྲངས་འབོར་ཁག་དོན་ཚན་དང་པོ་དང་གཉིས་པའི་གཏན་འབེབས་ཀྱི་ཚད་གཞིར་སླེབས་མེད་ཀྱང་། དེ་མཚུངས་ཀྱི་བསྡུར་ཚད་ལྟར་ཕབ་རྩིས་བྱས་ཏེ་བསྡོམས་རྩིས་བགྱིས་ན་འབྲེལ་ཡོད་ཀྱི་ཚད་གཞིར་སླེབས་པའི་རིགས། ༤.ལོ་གཉིས་ནང་ཁྲིམས་འགལ་གྱིས་ཞིང་སྤྱོད་ས་ཆ་བཟུང་སྤྱོད་བྱས་ཏེ། སྲིད་འཛིན་གྱི་ཆད་གཅོད་ཐེངས་གཉིས་ཡན་ཕོག་མྱོང་ཞིང་། ཁྲིམས་འགལ་གྱིས་ནགས་ས་བཟུང་སྤྱོད་བྱས་པར། དེའི་གྲངས་འབོར་ནི་དོན་ཚན་དང་པོ་ནས་གསུམ་པའི་ནང་གཏན་འབེབས་བགྱིས་པའི་ཚད་གཞིའི་ཕྱེད་ཀའི་ཡན་ཟིན་པའི་རིགས།
རྒྱ་ཆེའི་མི་དམངས་མང་ཚོགས་ཧུར་ཐག་གིས་ལྟ་སྐུལ་ཁྲོད་ཞུགས་ཏེ། གང་བྱུང་དུ་གསར་སློག་དང་ཁྲིམས་འགལ་གྱིས་རྩྭ་ཐང་བཟུང་སྤྱོད་བྱེད་པ། རང་དགར་ངང་ནགས་སའི་སྤྱོད་སྒོ་བསྒྱུར་བ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་ཚེ། དུས་ཐོག་ཏུ(0973-8752687)ལ་ཁ་པར་བཏང་ནས་ཞུ་གཏུག་བྱེད་རོགས། ང་ཚོས་ཞུ་གཏུག་བྱེད་མཁན་གྱི་གནས་ཚུལ་དམ་སྲུང་བྱ་ངེས། སྲིད་འཛིན་སྡེ་ཁག་གིས་གཞུང་དོན་སྒྲུབ་པར་བཀག་འགོག་དང་དང་ལེན་མི་བྱེད་པ། མ་ཟད་མང་ཚོགས་འདུ་འཛོམས་ཀྱིས་ཟིང་འཁྲུག་བཟོ་བ། ཁྲིམས་འཛིན་མི་སྣར་བསྐོར་རྒོལ་བྱས་ཏེ་རྡུང་རྡེག་བྱེད་མཁན་ཡོད་ཚེ། སྤྱི་བདེ་ལས་ཁུངས་ལ་སྤྲད་དེ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་པ་གཅོད་ངེས།
རྩེ་ཁོག་རྫོང་མི་དམངས་སྲིད་གཞུང་ནས།
2025ལོའི་ཟླ5བའི་ཚེས21ཉིན