中共泽库县委召开十四届五次全体会议 ཀྲུང་གུང་རྩེ་ཁོག་རྫོང་ཨུས་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་འཚོགས་པ།
中共泽库县委十四届五次全体会议,于8月23日在县政府会议中心召开。张文生、更智才让、李海波、拉却加、孔学东、钱有、夏吾扎西、徐新齐、李春燕、冶勇等县委领导及县委委员、候补委员出席了会议。不是县委委员、候补委员的县人大党员副主任、县政府党员副县长、县政协党员副主席,夏德日寺管会主任,县纪委(监委)班子成员,人武部、武警中队、消防大队相关负责同志,县委、人大、政府、政协办公室主任、副主任,县人大各专委会负责人,各乡镇党委书记、副书记、纪委书记,县委各部门、县直各行政事业单位、各人民团体、州驻县各单位主要负责同志,出席州第十二次党代会部分代表,县委巡察组组长库人选列席了会议。
全会由州人大常委会副主任、泽库县委书记张文生主持并作重要讲话,县委副书记、县长更智才让总结和安排经济工作。会议书面传达学习省委十三届四次全会、州委十二届六次全体会议精神,书面 审议了各乡镇、县直各相关部门的2018年上半年履行党风廉政建设、抓基层党建、落实意识形态领域责任制、民族团结创建、社会综合治理、全面深化改革工作情况述职。
全会的主要任务是:深入学习贯彻党的十九大、省委十三届四次全会和州委十二届六次全会精神,号召全县上下以习近平新时代中国特色社会主义思想为指引,深入实施省委“五四战略”,全面贯彻落实省委“一优两高”的战略总体部署和州委“三区建设”发展思路,
勠力同心、接续奋斗,加快推进新泽库建设,为决胜全面小康社会奠定更加坚实的基础。
张文生就贯彻落实好省委十三届四次全会和州委十二届六次全会精神,并就落实“一优两高”工作讲了五个方面的意见。
一、深化思想认识,领会精神实质,坚定不移贯彻落实省州全委会精神。他指出:“省委“一优两高”战略,就泽库而言,是泽库生态文明建设推向新台阶的重大历史机遇;是泽库扎实打赢脱贫攻坚战、与全省同步实现全面小康社会、经济社会发展走向科学发展、高质量发展的重大历史机遇;是泽库正确处理人民日益增长的美好生活需要和不平衡不充分的发展之间矛盾,人民群众生产生活实现高品质发展的重大历史机遇” 。
二、立足生态优先,守住发展底线,坚定不移推进生态文明建设。我们要树立生态优先理念、营造生态文明氛围、严格生态环境建设和管理、全力实施生态建设工程、维持推进环境综合治理。
三、突出重点目标,紧跟发展步伐,坚定不移推进经济社会高质量发展。要持续推动生态有机畜牧产业竞进提质,坚持创新驱动,要在实施品牌建设工程方面下足功夫,要积极促进文化旅游产业融合发展,要统筹推进项目建设,实施区域协调发展和乡村振兴两大战略,要以更深层次的综合改革推动高质量发展。
四、坚持以民为先,倾力民生改善,坚定不移走高品质生活之路。聚力脱贫攻坚,着力提升群众获得感,聚力民生改善,着力提升群众幸福感,聚力社会治理,着力提升群众安全感。
五、强化党建引领,聚焦管党治党,坚定不移推进和加强党的建设。注重党的政治建设,加强党的信念教育,强化基层党的建设,持续推进党风廉政建设和反腐败斗争。
更智才让就上半年经济发展情况作了通报,并就下半年经济工作讲了以下意见。
一、强化认识,客观回顾2018年上半年经济工作。2018年以来,我们以习近平新时代中国特色社会主义思想为指导,深入贯彻党的十九大、习近平总书记系列讲话及省第十三次党代会精神,全面落实“五四战略”新要求,紧町县委十四届四次全体会议确定的目标任务,按照省委“一优两高”新思路和州委“三区建设”为抓手,紧紧依靠全县各族群众,扎实推进改革发展稳定各项工作,全县经济平稳发展,社会事业全面推进,民生保障继续改善。全力打好三大攻坚战:即全力打好环境保护攻坚战,推进生态文明建设;全力打好精准脱贫攻坚战,加快全面小康进程;全力打好基础设施建设攻坚战,补齐全面小康短板。五个持续推进:即持续推进绿色发展,培育经济增长新动能;持续推进城乡区域统筹,更加促进群众宜业宜居;持续推进深化改革,充分释放发展活力;持续推进民生保障,社会各项事业长足发展;持续推进平安建设,社会大局保持稳定。
二、主动作为,全力以赴做好下半年工作。以持续加力的韧劲提升投资精准性有效性,以啃硬骨头的精神保护生态环境,以攻坚拔寨的决心推进精准脱贫,以准确清晰的思路推进特色产业发展,以统筹发展的理念抓好乡村振兴战略,以爱民为民的情怀抓好民生改善,以迎难而上的勇气持续深化改革。
张文生要求:“使命呼唤担当、实干成就梦想。让我们更加紧密团结在以习近平同志为核心的党中央周围,不忘初心、牢记使命,全面贯彻落实党的十九大和省州全委会精神,扎实推进“一优两高”,向着决胜全面小康社会目标奋勇前进!”
ཀྲུང་གུང་རྩེ་ཁོག་རྫོང་ཨུས་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དེ། ཟླ8པའི་ཚེས23ཉིན་རྫོང་སྲིད་གཞུང་གི་གྲོས་ཚོགས་ལྟེ་གནས་སུ་འཚོགས། ཀྲང་བིན་ཧྲིན་དང་ཀུན་འགྲུབ་ཚེ་རིང་། ལེས་ཧའེ་པོ། ལྷ་མཆོག་རྒྱལ། ཁུང་ཞུའེ་ཏུང་། ཆན་ཡིའུ། ཤ་བོ་བཀྲ་ཤིས། ཞུས་ཞིན་ཆི། ལེས་ཁྲུན་ཡན། ཡེ་ཡོན་སོགས་རྫོང་ཨུའི་མགོ་ཁྲིད་དང་རྫོང་ཨུའི་ཨུ་ཡོན། རྗེས་སྣོན་ཨུ་ཡོན་རྣམས་ཚོགས་འདུར་ཞུགས་པ་དང་། རྫོང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་རྫོང་དམངས་ཆེན་གྱི་ཏང་ཡོན་ཀྲུའུ་རིན་གཞོན་པ། རྫོང་སྲིད་གཞུང་གི་ཏང་ཡོན་རྫོང་དཔོན་གཞོན་པ། རྫོང་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། བྱ་དར་དགོན་པའི་དོ་དམ་ཁང་གི་ཀྲུའུ་རིན། རྫོང་སྒྲིག་ཨུའི(ལྟ་སྐུལ་ཨུ་ཡོན)ཁོངས་མིའི་མི་སྣ། མི་དམངས་དྲག་ཆས་པུའུ་དང་དྲག་ཆས་ཉེན་རྟོག་རུ་འབྲིང་། མེ་གསོད་རུ་དཔུང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། རྫོང་ཨུ་དང་རྫོང་དམངས་ཆེན། རྫོང་སྲིད་གཞུང་དང་རྫོང་སྲིད་གྲོས་བཅས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། རྫོང་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། ཞང་གྲོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། སྒྲིག་ཨུའི་ཧྲུའུ་ཅི། རྫོང་ཨུའི་སྡེ་ཁག་དང་རྫོང་གཏོགས་སྲིད་འཛིན་དོན་ལས་ལས་ཁུངས། མི་དམངས་ཚོགས་པ། ཁུལ་གཏོགས་ལས་ཁུངས་སོགས་ཀྱི་འགན་འཁུར་བློ་མཐུན་སོགས་དང་། ཁུལ་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཞུགས་པའི་འཐུས་མི་སྐོར་ཞིག རྫོང་ཨུའི་སྐོར་བཤེར་ཚན་ཁག་གི་ཚན་གཙོའི་འདེམ་སྒུག་མི་སྣ་སོགས་ཐེངས་འདིའི་ཚོགས་འདུར་ཟུར་ཞུགས་བྱས་ཡོད།
ཚོགས་འདུར་ཁུལ་དམངས་ཆེན་ཀྲུའུ་རིན་གཞོན་པའམ་རྩེ་ཁོག་རྫོང་ཨུའི་ཧྲུའུ་ཅི་ཀྲང་བིན་ཧྲིན་གྱིས་མགོ་འཛིན་དང་གཏམ་བཤད་གལ་ཆེན་གནང་བ། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཀུན་འགྲུབ་ཚེ་རིང་གིས་དཔལ་འབྱོར་བྱ་བར་སྤྱི་སྡོམ་དང་བཀོད་སྒྲིག་བྱས་པ། ཚོགས་འདུས་ཡིག་ངོས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཡིག་ངོས་སུ་ཞང་གྲོང་དང་འབྲེལ་ཡོད་སྡེ་ཁག་སོ་སོའི2018ལོའི་ལོ་སྟོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་གཞི་རིམ་ཏང་འཛུགས་བྱ་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ། མི་རིགས་མཐུན་སྒྲིལ་སྒྲིག་འཛུགས། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱ་བ་སོགས་ཀྱི་གནས་ཚུལ་ལ་གྲོས་ཞིབ་བྱས།
ཚོགས་འདུའི་ལས་འགན་གཙོ་བོ་ནི། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་སོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། རྫོང་ཡོངས་ཀྱིས་ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་པ་དང་། ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུའི“ལྔ་བཞིའི་འཐབ་ཇུས”དང“ལེགས་གཅིག་མཐོ་གཉིས”ཀྱི་སྤྱིའི་འཐབ་ཇུས་བཀོད་སྒྲིག ཁུལ་ཨུའི“ཁུལ་གསུམ་འཛུགས་སྐྲུན”གྱི་འཕེལ་རྒྱས་རིགས་ལམ་དོན་འཁྱོལ་བྱས་ནས། བློ་སེམས་རྩེ་གཅིག་དང་འབད་བརྩོན་ལྷོད་མེད་ཀྱིས་རྩེ་ཁོག་གསར་བ་འཛུགས་སྐྲུན་བྱེད་པར་མ་ཟད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།
ཀྲང་བིན་ཧྲིན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། “ལེགས་གཅིག་མཐོ་གཉིས”བྱ་བ་དོན་འཁྱོལ་བྱེད་པའི་ཐད་དུ་བསམ་འཆར་ལྔ་བཏོན་པ་སྟེ།
གཅིག བསམ་བློ་ཤེས་རྟོགས་ཇེ་ཟབ་དང་དགོངས་དོན་དངོས་འབེབ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཞིང་ཆེན་དང་ཁུལ་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་བྱེད་རྒྱུ། ཁོས“ཞིང་ཆེན་ཏང་ཨུའི“ལེགས་གཅིག་མཐོ་གཉིས”ཀྱི་འཐབ་ཇུས་དེ་རྩེ་ཁོག་རྫོང་ལ་མཚོན་ན། རྩེ་ཁོག་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐེམ་སྐས་གསར་བར་བསྐྱོད་པའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་ཡིན་ལ། དབུལ་ཐར་འགག་སྒྲོལ་ལས་རྣམ་པར་རྒྱལ་ཏེ་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཚན་རིག་འཕེལ་རྒྱས་དང་རྒྱུ་སྤུས་མཐོན་པོའི་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་ལེགས་པོ་ཡིན་པ། རྩེ་ཁོག་གིས་མི་དམངས་ཀྱི་ཉིན་རེ་བཞིན་མཛེས་སྡུག་འཚོ་བའི་དགོས་མཁོ་ཇེ་ཆེ་དང་འཕེལ་རྒྱས་དོ་མི་མཉམ་པ་སོགས་ཀྱི་འགལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་རྒྱུ་སྤུས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་ཡིན་པར”བསྟན།
གཉིས། སྐྱེ་ཁམས་སྲུང་སྐྱོབ་དམ་པོར་བཟུང་ནས་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་འཛུགས་པ། སྐྱེ་ཁམས་དཔལ་ཡོན་གྱི་མཁའ་དབུགས་བསྐྲུན་པ། སྐྱེ་ཁམས་འཛུགས་སྐྲུན་དང་དོ་དམ་ནན་མོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་འཛིན་སོགས་བྱེད་དགོས།
གསུམ། དམིགས་འབེན་གཙོ་བོ་དང་འཕེལ་རྒྱས་ཀྱི་གོམ་སྟབས་དམ་འཛིན་གྱིས། བློ་བརྟན་འགྱུར་མེད་ཀྱིས་རྒྱུ་སྤུས་མཐོ་བའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་རྒྱུ། སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་དམ་འཛིན་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་བརྩོན་ལེན་བྱེད་དགོས་པ་དང་། ཟོང་རྟགས་འཛུགས་སྐྲུན་ལས་གཞིར་ཤུགས་སྣོན་བྱེད་རྒྱུ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་སྐུལ་སྤེལ་བྱེད་རྒྱུ། གཅིག་གྱུར་གྱིས་ལས་གཞི་འཛུགས་སྐྲུན་ལ་བརྟེན་ནས། ས་ཁུལ་མཐུན་སྦྱོར་འཕེལ་རྒྱས་དང་ཞིང་སྡེའི་དར་རྒྱས་སོགས་འཐབ་ཇུས་ཆེན་པོ་གཉིས་ལག་བསྟར་བྱེད་རྒྱུ། གཏིང་ཟབ་པའི་ཕྱོགས་བསྡུས་བཅོས་བསྒྱུར་ཀྱིས་རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་བརྩོན་ལེན་བྱེད་རྒྱུ།
བཞི། མང་ཚོགས་གཙོ་བོར་འཛིན་པ་དང་དམངས་འཚོ་ལེགས་བཅོས་ལ་ཤུགས་སྣོན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་འཚོ་བའི་རྒྱུ་སྤུས་མཐོར་འདེགས་གཏོང་རྒྱུ། སྟོབས་ཤུགས་ཡོད་ཚད་ཀྱིས་དབུལ་ཐར་འགག་སྒྲོལ་དང་དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བཅོས་སྐྱོང་སོགས་ལ་ཤུགས་བསྣན་ནས། མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད། བདེ་འཇགས་སོགས་ཀྱི་ཚོར་བ་སྐོངས་དགོས།
ལྔ། ཏང་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཏང་གིས་ཏང་ནན་སྐྱོང་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་འཛུགས་སྐྲུན་བྱེད་རྒྱུ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་ཏང་གི་དད་སེམས་སློབ་གསོ། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་སོགས་ལ་ཤུགས་བསྣན་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ངོ་རྒོལ་ལ་སྐུལ་འདེད་གཏོང་དགོས་བཅས་ཡིན།
ཀུན་འགྲུབ་ཚེ་རིང་གིས་ལོ་སྟོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་ལོ་སྨད་ཀྱི་བྱ་བར་གཤམ་གྱི་བསམ་འཆར་བཏོན་པ་སྟེ། “དང་པོ་ནི། 2018ལོའི་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བར་ཕྱིར་བལྟ་བྱེད་སྐབས། 2018ལོ་ནས་བཟུང་། ང་ཚོས་ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞི་ཨིན་ཕིན་གྱི་གསུང་བཤད་རབ་དང་རིམ་པའམ་ཞིང་ཆེན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པ་སོགས་ཀྱི་དགོངས་དོན་ལག་ལེན་ཟབ་སྤེལ་བྱེད་པ། ཁྱོན་ཡོངས་ནས“ལྔ་བཞིའི་འཐབ་ཇུས”ཀྱི་བླང་བྱ་གསར་བ་དོན་འཁྱོལ་བྱས་ཏེ། རྫོང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་གཏེན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་ནས། ཞིང་ཆེན་ཏང་ཨུའི“ལེགས་གཅིག་མཐོ་གཉིས”ཀྱི་རིགས་ལམ་གསར་བ་དང་། ཁུལ་ཨུའི“ཁུལ་གསུམ་འཛུགས་སྐྲུན”ཀྱི་འཐབ་ཇུས་ལྟར། རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་བརྟེན་ཏེ། བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་གི་བྱ་བ་སོ་སོ་རིམ་བཞིན་སྐུལ་འདེད་བཏང་བ་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པ། སྤྱི་ཚོགས་ལས་དོན་དང་དམངས་འཚོ་ལེགས་བཅོས་ཀྱི་གྲུབ་འབྲས་བཟང་པོ་བླངས་ཡོད”ཅེས་བསྟན། འགག་སྒྲོལ་ཆེན་པོ་གསུམ་སྟེ། སྟོབས་ཤུགས་ཡོད་རྒུས་ཁོར་ཡུག་སྲུང་སྐྱོབ་འགག་སྒྲོལ་ལས་རྒྱལ་བར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ། སྟོབས་ཤུགས་ཡོད་རྒུས་གནད་འཁེལ་དབུལ་ཐར་འགག་སྒྲོལ་ལས་རྒྱལ་བར་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་འགག་སྒྲོལ་ལས་རྒྱལ་བར་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་འཛུགས་སྐྲུན་གྱི་ཆད་ལྷོད་གསབ་སྣོན་བྱེད་དགོས། མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པ་ལྔ་སྟེ། མུ་མཐུད་དུ་ལྗང་མདོག་འཕེལ་རྒྱས་སྐུལ་འདེད་བཏང་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་འགུལ་ནུས་གསར་བ་བརྩོན་ལེན་བྱེད་དགོས། མུ་མཐུད་དུ་མཁར་ཞང་གཅིག་གྱུར་བཀོད་སྒྲིག་བྱས་ནས། མང་ཚོགས་སྔར་ལས་འཚོ་སླ་བ་དང་ལས་ཞུགས་བྱེད་སླ་བའི་ཁོར་ཡུག་བསྐྲུན་དགོས། མུ་མཐུད་དུ་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་གསོན་ཤུགས་བརྩོན་ལེན་བྱེད་དགོས། མུ་མཐུད་དུ་དམངས་འཚོ་འགན་སྲུང་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་བྱ་བཞག་ཡོད་ཚད་ཡུན་རིང་འཕེལ་རྒྱས་གཏོང་དགོས། མུ་མཐུད་དུ་བདེ་འཇགས་འཛུགས་སྐྲུན་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་བྱེད་དགོས།
གཉིས་པ་ནི། སྟོབས་ཤུགས་ཡོད་ཚད་ཀྱི་ལོ་སྨད་ཀྱི་བྱ་བར་འབད་དགོས། མུ་མཐུད་དུ་བྱ་བར་འབད་བརྩོན་བྱེད་པའི་སྙིང་སྟོབས་ཀྱིས་བྱ་བ་མཐའ་དག་གནད་དུ་འཁེལ་བའམ་ནུས་པ་མངོན་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། གནད་འཁེལ་དབུལ་ཐར་གྱི་གྲུབ་འབྲས་བརྩོན་ལེན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཞིང་སྡེ་དར་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པ། དམངས་འཚོ་ལེགས་བཅོས་བྱེད་པ། བཅོས་བསྒྱུར་ཟབ་སྤེལ་སོགས་བྱེད་དགོས་ཟེར།
ཀྲང་བིན་ཧྲིན་གྱིས“འགན་འཁྲི་ཕྲག་ཏུ་འཁུར་ནས་ཕུགས་བསམ་མངོན་འགྱུར་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་མཐུན་སྒྲིལ་དམ་པོ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་སྒོས། “ལེགས་གཅིག་མཐོ་གཉིས”སྐུལ་འདེད་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་ཀྱི་དམིགས་འབེན་ལ་བརྟེན་ནས་མ་མཐུད་དུ་མདུན་བསྐྱོད་བྱེད་དགོས་པའི”རེ་བ་བཏོན།