州委书记王振昌莅临我县调研指导工作
9月11日,州委书记王振昌一行在州人大常委会副主任、泽库县委书记张文生,县人民政府县长更智才让的陪同下,先后赴王家乡、宁秀乡、西卜沙乡,通过采取实地查看、慰问群众、查阅资料的形式详细了解我县民族团结创建、小城镇建设、规划集中安置点、医疗服务共同体、第三民中建设、基层幼儿园等情况,对我县工作进行了调研和指导。
王振昌书记结合所看、所听、所想,对乡党委、政府的各项工作给予了充分肯定的同时,对我县全体干部寄予殷切希望,要求全体领导干部保持高昂的工作状态,继续发挥艰苦朴素、奋发有为的奉献精神,为泽库的发展做出更大的贡献。
ཟླ9བའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་བང་ཀྲིན་ཁྲིང་འཁོར་དང་བཅས་པས་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ཀྲང་བིན་ཧྲིན་དང་། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཀུན་འགྲུབ་ཚེ་རིང་གི་འགྲོ་རོགས་འོག སྔ་རྗེས་སུ་བོན་བརྒྱ་ཞང་དང་ཉིན་ཤུག་ཞང་། དཔྱི་ས་ཞང་དུ་ཕེབས་ཏེ། རང་རྫོང་གི་མི་རིགས་མཐུན་སྒྲིལ་གསར་བསྐྲུན། མཁར་གྲོང་ཆུང་བའི་འཛུགས་སྐྲུན། གཅིག་སྡུད་སྡོད་གནས་ས་ཚིགས། སྨན་བཅོས་ཞབས་ཞུ་ཐུན་མོང་རྩ་འཛུགས། སློབ་འབྲིང་གསུམ་པའི་འཛུགས་སྐྲུན། གཞི་རིམ་བྱིས་གཉོར་ཁང་བཅས་སུ་ཡུལ་དངོས་བརྟག་ཞིབ་དང་མང་ཚོགས་ལ་འཚམས་འདྲི། དཔྱད་ཡིག་བལྟ་ཀློག་སོགས་ཀྱི་རྣམ་པས་རང་རྫོང་གི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད། མིག་སྔའི་བྱ་བར་མཛུབ་སྟོན་གལ་ཆེན་གནང་།
བང་ཀྲིན་ཁྲིང་ཧྲུའུ་ཅིས་ཡུལ་དངོས་བརྟག་ཞིབ་ཀྱི་མཐོང་ཐོས་དང་དྲན་འཆར་ཟུང་དུ་འབྲེལ་ནས། ཞང་ཏང་ཨུ་དང་སྲིད་གཞུང་གི་བྱ་བ་ཡོད་ཚད་ལ་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། རང་རྫོང་གི་ལས་བྱེད་པ་ཡོངས་ལ་རེ་བ་ཟབ་མོ་བཅིངས་ཡོད་དེ། མགོ་ཁྲིད་ལས་བྱེད་པ་ཡོངས་ཀྱི་བྱ་བའི་སྤྱོད་སྟངས་ལེགས་པོས་མུ་མཐུད་དུ་དཀའ་བ་ཁྱད་སེལ་དང་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས། རྩེ་ཁོག་གི་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།