首页 >泽库要闻

致全县广大党员干部的一封信

时间:2020-12-31 |浏览:12653

全县广大党员干部:

你们好!

全县村(社区)“两委”于2021年1月进行集中换届。这次换届,正值决战脱贫攻坚、决胜全面小康、接续推进乡村振兴的关键时期,做好村(社区)“两委”换届工作,事关党的基层组织建设、事关全县社会和谐稳定、事关我县未来五年经济社会的发展,是全县政治生活中的一件大事。在此,向全县广大党员干部提出四点希望:希望你们,发挥模范作用、树立先进榜样。一名党员就是一面旗帜,一名干部就是一支标杆。全县各级党员干部都要把严格遵守换届纪律作为加强党性修养、党性锤炼的“必修课”,以身作则,带头学习宣传村(社区)“两委”换届新政策和新要求,发挥模范作用、树立良好榜样,积极引导广大群众自觉遵守换届的相关规定,维护和营造良好的换届环境,以实际行动彰显党员先进性。希望你们,树立务实为民,依法行使民主权。全县广大党员干要从经济社会发展大局出发,从泽库长远利益着想,在提名候选人或投票选举时,要做到慎重思考、理性鉴别,不感情用事、不随波逐流,不被宗族派系、家族势力所左右,不被眼前利益所诱惑,以自己的实际行动影响并带动身边的每一位党员群众依法行使民主选举权力,本着对社会负责、对集体利益负责、对自身权力负责的态度投好神圣一票,营造依法参选、公平竞争、有序竞选的良好气氛。希望你们,坚持以身作则,精准选出好班子。参与换届选举的基层党员干部要把政治标准放在首位,大力推荐年龄结构优、文化素质优、整体功能优,带富能力强、协调能力强、服务能力强,政治素质过硬、品行作风过硬、治理能力过硬的“三优三强三过硬”的优秀人员进入村(社区)“两委”班子。要积极维护和支持全面推行村(社区)党组织书记、村(居)委会主任“一肩挑”制度,加强党对农村牧区工作的全面领导、强化党的基层组织领导核心作用。希望你们,严格遵纪守法,维护换届正风气。全县广大党员干部要带头践行村(社区)换届选举“十严禁、十一律”纪律规定要求,带头执行、带头遵守,坚决抵制不正之风。不得以说情、打招呼等方式违规推荐人选;不得以网络发帖发视频、张贴散布宣传材料等手段,发表或散布不利于换届选举的言论;不得跑风漏气、通风报信,私自泄露扩散有关换届保密内容;不得干扰换届人选资格审查、阻挠对违反换届纪律问题的调查处理。我们坚信,在县委、县政府的坚强领导下,在全县广大党员群众的积极参与和全力支持配合下,各村(社区)一定能选出宣传党的主张、贯彻党的决定、领导基层治理、团结动员群众、推动改革发展的好班子,为持续巩固提升脱贫攻坚成果、接续推进乡村振兴战略提供坚强组织保障!最后,祝你们在新的一年里,家庭幸福、生活愉快、扎西德勒!

 

州人大常委会副主任、县委书记  张 文 生

中共泽库县委副书记、县长   更智才让

 

2020年12月31日





རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བསྐུར་བའི་འཕྲིན་ཡིག

 

རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ།

  ཁྱེད་ཚོ་སྐུ་ཁམས་བཟང་། 

  ༢༠༢༡ལོའི་ཟླ་དང་པོའི་ནང་རྫོང་ཡོངས་ཀྱི་སྡེ་བའི་༼སྡེ་ཁུལ༽“ཨུ་ཡོན་གཉིས“གཅིག་སྡུད་ཐོག་སྐབས་བརྗེ་བྱེད་དགོས།  ད་ཐེངས་ཀྱི་སྐབས་བརྗེ་ནི་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཕམ་ཐག་གཅོད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ། ཞིང་གྲོང་དར་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩའི་དུས་སྐབས་ཡིན་པས།  སྡེ་བའི་“ཨུ་ཡོན་གཉིས”ཀྱི་སྐབས་བརྗེའི་བདེ་ལེགས་དང་། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཤུགས་སྣོན། རྫོང་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ལ་རེ་བ་བཞི་འདོན་པ་ཡིན།

  གཅིག་ནི་ཁྱེད་ཚོས་མིག་དཔེའི་ནུས་པ་དང་སྔོན་ཐོན་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་རེ་བ་ཡོད། ཏང་ཡོན་ནི་དར་ཆ་ཞིག་ཡིན་ལ། ལས་བྱེད་ནི་ཚད་ཤིང་ཡིན། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཚང་མས་སྐབས་བརྗེའི་སྐབས་སུ། རང་འགུལ་གྱིས་སྐབས་བརྗེའི་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱས་ཏེ། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱགས་རྒྱུ་བསླབ་ཚན་དུ་བརྩིས་ནས་མང་ཚོགས་ལ་མིག་དཔེ་གཞན་སྟོན་བྱེད་དགོས། དེས་མ་ཚད་སྡེ་བའི་༼སྡེ་ཁུལ༽“ཨུ་ཡོན་གཉིས”ཀྱི་སྐབས་བརྗེའི་སྲིད་ཇུས་གསར་པ་དང་བླང་བྱ་གསར་པར་སློབ་སྦྱོང་དང་དྲིལ་བསྒྲགས།  མིག་དཔེའི་ནུས་པ་བཟང་པོ་འདོན་སྤེལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་སྐབས་བརྗེའི་འབྲེལ་ཡོད་གཏན་འབེབས་རང་རྟོགས་ངང་བརྩི་སྲུང་ཞུ་བའི་ཁོར་ཡུག་བཟང་པོ་བསྐྲུན་པར་འབད་དགོས།

  གཉིས་ནི་ཁྱེད་ཚོས་དམངས་ཀྱི་ཆེད་དུ་དོན་གཉེར་བྱེད་པ་དང་ཁྲིམས་ལྟར་དམངས་གཙོའི་དབང་ཆ་ལེགས་པོར་སྤྱོད་རྒྱུའི་རེ་བ་ཡོད། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་རྩེ་ཁོག་གི་ཁེ་ཕན་ལ་བསམ་བློ་བཏང་སྟེ། འདེམས་སྒུག་མི་སྣ་འདེམས་པའམ་ཡང་ན་འདེམས་ཤོག་འཕེན་སྐབས། གཟབ་ནན་སྒོས་རང་སྣང་གང་ཤར་དང་། ཆོས་ལུགས་ཕྱོགས་ཁག ཁྱིམ་རྒྱུད་སྟོབས་ཤུགས་སོགས་ཀྱི་དབང་དུ་མི་ཚུད་པར། བསམ་གཞིགས་ཞིབ་ཏུ་བཏང་སྟེ་མི་སྣ་འོས་སྦྱོར་དང་འདེམས་བསྐོ་བྱེད་དགོས། རྒྱུན་ལྡན་འཚོ་བའི་ཁྲོད་དུ་ཉེ་འགྲམ་གྱི་ཏང་ཡོན་དང་མང་ཚོགས་ཚང་མས་ཁྲིམས་ལྟར་དམངས་གཙོའི་འདེམས་བསྐོའི་དབང་ཆ་སྤྱོད་རྒྱུར་ཤུགས་རྐྱེན་ཐེབས་པ་དང་སྐུལ་ཁྲིད་བྱས་ཏེ། སྤྱི་ཚོགས་ལ་འགན་འཁུར་བ། ཐུན་མོང་གི་ཁེ་ཕན་ལ་འགན་འཁུར་བ། རང་ངོས་ཀྱི་དབང་ཆར་འགན་འཁུར་བའི་སྒོ་ནས་འདེམས་ཤོག་འཕངས་ཏེ་ཁྲིམས་ལྟར་འདེམས་བསྐོའི་ནང་ཞུགས་པ་དང་དྲང་གཞག་འགྲན་རྩོད། གོ་རིམ་ལྡན་པའི་སྒོ་ནས་འགྲན་འདེམས་བཅས་བྱེད་པའི་རྣམ་པ་བཟང་པོ་བཏོད་དགོས།

  གསུམ་ནི་ཁྱེད་ཚོས་རང་དཔེ་གཞན་སྟོན་མཐའ་འཁྱོངས་བྱས་ཏེ་གནད་འཁེལ་བའི་ངང་སྡེ་བ་རིམ་པའི་འགོ་ཁྲིད་ཚན་ཁག་འདེམས་རྒྱུའི་རེ་བ་ཡོད། སྐབས་བརྗེའི་འདེམས་བསྐོར་ཞུགས་པའི་གཞི་རིམ་ཏང་ཡོན་ལས་བྱེད་ཚང་མས་ཆབ་སྲིད་ཀྱི་ཚད་གཞི་མཐོན་པོར་བཟུང་ཏེ། ལོ་ན་གཞོན་པ་དང་རིག་གནས་ཆུ་ཚད་ལེགས་པ། ཕྱུག་འགྱུར་གྱི་སྣེ་ཁྲིད་ནུས་པ་ཐོན་པ། མཐུན་སྦྱོར་དང་ཞབས་ཞུའི་ནུས་པ་ཆེ་བ། ཆབ་སྲིད་དང་སྤྱོད་ལམ་སྤྱོད་ཚུལ་བཟང་བ། བཅོས་སྐྱོང་ནུས་པ་ལེགས་པ་བཅས་ཀྱི་ཕུལ་བྱུང་མི་སྣ་སྡེ་བའི་“ཨུ་ཡོན་གཉིས་”ཀྱི་འགོ་ཁྲིད་ཚན་ཁག་ཏུ་འོས་སྦྱོར་བྱ་དགོས། དེ་བཞིན་དུ་སྡེ་བའི༼སྡེ་ཁུལ༽་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་སྡེ་བའི་ཀྲུའུ་རེན་གཉིས་འགན་གཅིག་ལྕོག་འཁུར་བའི་ལམ་ལུགས་ལ་ཡིད་ཆེས་དང་་སྲུང་སྐྱོང་ཧུར་ཐག་བྱས་ཏེ། ཏང་གིས་ཞིང་འབྲོག་ཁུལ་གྱི་ལས་དོན་འགོ་ཁྲིད་དང་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། 

  བཞི་ནི་ཁྱེད་ཚོས་ཁྲིམས་ལུགས་བརྩི་སྲུང་ནན་མོ་བྱས་ནས་སྐབས་བརྗེའི་སྲོལ་བཟང་སྲུང་སྐྱོབ་བྱ་རྒྱུའི་རེ་བ་ཡོད། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྡེ་བའི་༼སྡེ་ཁུལ༽སྐབས་བརྗེ་འདེམས་བསྐོའི་“གཏན་འགོག་བཅུ་དང་ཐག་གཅོད་བཅུ་”ཡི་སྒྲིག་ཁྲིམས་གཏན་འབེབས་བླང་བྱ་ལག་བསྟར་བྱས་ཏེ། ཚུལ་མིན་གྱི་བྱ་སྤྱོད་ཐམས་ཅད་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ངོ་ཆེན་ཞུ་བ་དང་བརྡ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྒྲིག་ལམ་དང་འགལ་བའི་འོས་མི་འོས་སྦྱོར་བྱེད་མི་ཆོག དྲ་རྒྱའི་ཐོག་བརྙན་བསྐུར་བ་དང་དྲིལ་བསྒྲགས་ཡིག་ཆ་སྦྱར་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྐབས་བརྗེའི་འདེམས་བསྐོར་གནོད་པའི་གཏམ་བརྗོད་སྤེལ་མི་ཆོག སྐབས་བརྗེའི་གནས་ཚུལ་ལྐོག་ཞུ་དང་ནང་དོན་རང་དགར་ཕྱིར་བསྒྲགས་བྱེད་མི་ཆོག་པ་མ་ཟད། སྐབས་བརྗེའི་འོས་མིའི་ཐོབ་ཐང་ཞིབ་བཤེར་དང་སྐབས་བརྗེའི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ལ་བརྟག་དཔྱད་དང་ཐག་གཅོད་བྱེད་པར་བཀག་འགོག་བྱེད་མི་ཆོག 

རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་མང་ཚོགས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་འོག སྡེ་བ་༼སྡེ་ཁུལ་༽དག་གིས་ཏང་གི་བླང་བྱ་དྲིལ་བསྒྲགས་དང་ཏང་གི་ཆོད་

དོན་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་སྐུལ་སློང་། བསྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱེད་པའི་འགོ་ཁྲིད་ཚན་ཁག་ལེགས་པོ་བདམས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། 

  མཐར།  ལོ་གསར་བའི་ནང་ཁྱེད་རྣམ་པའི་ཁྱིམ་ཚང་བདེ་སྐྱིད་དང་ཚེ་རིང་ནད་མེད།  བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་ཞུ། 

ཁུལ་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི།                                    ཀྲང་བུན་ཧྲིན། 

   ཀྲུང་གུང་རྩེ་ཁོག་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན།                               ཀུན་འགྲུབ་ཚེ་རིང་། 

                      ༢༠༢༠ལོའི་ཟླ་༡༢ཚེས་༣༡ཉིན།